Wishing you all Happy 73rd Independence Day of India.


Admin    15 Aug 2019    200

༄༅། །ཕྱི་ལོ་༡༩༤༧ ཟླ་༠༨ ཚེས་༡༥ ཉིན་རྒྱ་གར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་སྟེ། འདི་ལོ་རང་བཙན་དུས་ཆེན་ཐེངས་༧༣ པ་དེ་འཁེལ་གྱི་ཡོད་པར་བརྟེན། འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭ་ནས་ཀྱང་དུས་དྲན་སྲུང་བརྩི་ཞུ་སླད། སློབ་ཕྲུག་རྣམས་ཞོགས་པ་ཆུ་ཚོད་༦ དང་སྐར་མ་༣༠ ཐོག་སློབ་གྲྭའི་མདུན་ཐང་དུ་འཛོམས་ཐོག། སློབ་སྤྱི་མཆོག་ནས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་པ་དང་། དེ་རྗེས་སློབ་ཕྲུག་གི་སྐུ་ཚབ་གསུམ་ནས་བོད་ཧིན་དབྱིན་གསུམ་ཐོག་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་མིག་དཔེར་འོས་པ་གནང་གྲུབ་མཚམས། སློབ་གྲྭའི་འཛིན་སྐྱོང་ནས་ཡུལ་སྲོལ་ལྟར་སློབ་ཕྲུག་རྣམས་ལ་མངར་ཟས་ཀྱི་བརྔན་པ་གནང་བ་སོགས་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་སོང་། །
སེར་བྱེས་སློབ་གྲྭ་ནས།
Today, as we celebrate the 73rd Independence Day of India. All our students and teachers gather at the School Assembly ground for the School's Independence Day Flag Hoisting Ceremony. The program included the Hoisting of National Flag and singing of National Anthem, delivery of speeches by students and teachers etc and distribution of sweets to all the students and teachers of the school. We wish all our Indian Brothers and Sisters a very Happy Independence Day.