Tibetan Literary Contest- 2022.


Admin    21 Aug 2022    73

Tibetan Literary Contest- 2022. ངག་རྩལ་འགྲན་སྡུར། 

༄༅། །དེ་རིང་ཕྱི་ལོ་༢༠༢༢ ཟླ་༠༨ ཚེས་༢༡ སྔ་ཆུ་ཚོད་༠༩ པའི་ཐོག་སེར་བྱེས་འབྲིང་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི། དམིགས་བསལ་གདན་ཞུས་གཟུ་དཔང་རྣམ་པ། རྒན་ལགས་རྣམ་པ། སློབ་པ་ཡོངས་བཅས་སློབ་གྲྭའི་ཚོགས་ཁང་དུ་ཚང་འཛམ་ཀྱིས། ཐོག་མར་འཕགས་བོད་རྒྱལ་གླུ་བླངས་པ་དང་། དེ་རྗེས་འཛིན་གྲྭ་དགུ་པ་དང་བཅུ་པའི་དབར་སྒེར་དང་མཉམ་སྡེབ་གཉིས་ཐོག་ནས་བོད་སྐད་ཐོག་སྙན་ངག་གྱེར་འདོན་དང་། གཏམ་བཤད་རྩལ་འགྲན་འགོ་འཛུགས་ཞུས་ཤིང་། དེའི་རྗེས་སློབ་གྲྭའི་ཁམས་ཚན་བཞིའི་དབར་བགྲོ་གླེང་འགྲན་སྡུར་བྱས་པ་དང་། རྗེས་སུ་རྒྱལ་ཁ་ལེན་མཁན་རྣམས་ལ་གཟེངས་བསྟོད་བྱ་དགའ་གསོལ་བསྩལ་གནང་བ་བཅས་ཀྱི་འདྲ་དཔར་ཁག་ཅིག་སྤྱན་བསྟར་ཞུས་པའོ། །

སེར་བྱེས་སློབ་གྲྭ་ནས། ། Inter house Tibetan Language Literary Contest was held this morning at the school Hall. The students of class IX and X had Debate Competition and the junior class novices has poet recitation competition in Tibetan Language. All the participants and the subject teachers have worked very hard in making this program successful. We thank all the three judges of the event for coming to the school and giving their valuable time. Here are some pics of the event.