The Inter School Tibetan Debate and Poem Recitation Competition


Admin    18 Nov 2018    45

༄༅། །དེ་རིང་ཕྱི་ལོ་༢༠༡༨ ཟླ་༡༡ ཚེས་༡༨ ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་སྐུ་མགྲོན་གཙོ་བོ་སར་བྱེས་མཁས་སྙན་གྲྭ་ཚང་གི་ཁྲིམས་བདག་དགེ་སྐོས་མཆོག་དབུ་བཞུགས་ཐོག སེ་ར་བླ་སྤྱིའི་ཕྱག་མཛོད་དང་ཚོགས་ཆེན་དབུ་མཛད་ཆེན་མོ། གྲྭ་ཚང་ཕྱག་མཛོད་རྣམ་པས་དབུས་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་དང་ཁམས་ཚན་རྒན་རྣམ་པ། དེ་བཞིན་ཉེ་འཁོར་ས་གནས་བོད་ཀྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པ་ལྷན་འཛོམས་དབུས་སུ་དམིགས་བསལ་གཟུ་དཔང་རྣམ་པ་གསུམ་གདན་ཞུས་ཀྱིས་འདི་ག་སློབ་གྲྭའི་ཁམས་ཚན་བཞིའི་འཛིན་གྲྭ་དགུ་པ་དང་བཅུ་པ་གཉིས་ཀྱི་སློབ་ཕྲུག་དབར་དགག་སྒྲུབ་ཀྱི་བགྲོ་གླེང་དང་། འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་དབར་གཏམ་བཤད་རྩལ་འགྲན། འཛིན་གྲྭ་དང་པོ་ནས་ལྔ་པ་བར་གྱི་སློབ་ཕྲུག་གིས་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་བཅས་གྲ་རྒྱས་ངང་འཚོག་བཞིན་པའི་རྣམ་པ། །
The Inter School Tibetan Debate and Poem Recitation Competition was held today with the participants from the four different houses taking part in the competition. Disciplinarian and Chant Master of the monastery and the other dignitaries presided over the Inter House Tibetan Debate Competition. The school is organizing this Inter-school Competition as a part of the Co-curricular Activities of the school of this academic session. Which helps the students in presenting the information and developing effective composition of the speech and delivery of the speech.