ཉེར་ལྔའི་དགའ་སྟོན་མཛད་སྒོ། SILVER JUBILEE CELEBRATIONS. Celebrating the 25 years of C.B.S.E. Affiliation 1997-2022).
༄༅། །ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་དྲག་པོའི་བཙན་འཛུལ་བྱས་རྗེས་༸གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ཐུབ་པའི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལས་བོད་ཀྱི་བསྟན་སྲིད་རིག་གཞུང་དང་བཅས་པ་སླར་གསོ་དང་། མ་འོངས་བོད་ཀྱི་རང་དབང་སླར་གསོའི་ཆེད་ཆོས་སྡེ་ཁག་དང་སློབ་གྲྭ་ཁག་སླར་གསོ་གསར་འཛུགས་གནང་བའི་ཡ་གྱལ་འཕགས་ཡུལ་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པ། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཁྱབ་ཁོངས་སེར་བྱེས་སློབ་གྲྭ་འདི་ཡང་ཕྱི་ལོ་ ༡༩༧༥ ཟླ་ ༠༣ ཚེས་ ༠༡ ཉིན་ནས་གསར་འཛུགས་ཐུབ་པ་བྱུང་།
༸གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་སྔ་ཕྱིའི་བཀའ་སློབ་ལམ་སྟོན། གྲྭ་ཚང་གི་མཁན་ལས་ཟུར་རྣམས་ཀྱི་ལམ་སྟོན་སྣེ་ཁྲིད། སློབ་སྤྱི་ཟུར་པ་རྒན་བསྟན་འཛིན་ཤེས་རབ་མཆོག་གིས་གཙོས་ལས་སྣེ་གོང་མ་རྣམས་ཀྱི་རྩ་ཆེའི་འབད་རྩོལ་བཅས་ལ་བརྟེན་ནས་ཕྱི་ལོ་ ༡༩༩༧ ལོར་སེར་བྱེས་འབྲིང་རིམ་སློབ་གྲྭ་འདི་བཞིན་རྒྱ་གར་རྒྱལ་ཡོངས་དབུས་ཤེས་ཡོན་ལྷན་ཚོགས་ཀྱི་ཁོངས་སུ་ངོས་འཛིན་ཐོབ་སྟེ་འདི་ལོ་ལོ་ངོ་ཧྲིལ་པོ་༢༥ འཁོར་བར་བརྟེན། དེ་རིང་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༡ ཉིན་ཉེར་ལྔའི་དུས་ཆེན་སྲུང་བརྩི་ཟབ་རྒྱུས་ཞུས་ཤིང་། དུས་ཆེན་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ལྷན་ཁང་གི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས།
ལྷོ་གཞིས་ཁག་ལྔའི་དབུ་འཛིན་ལྷོ་སྤྱི་སྐུ་ངོ་འཇིགས་མེད་ཚུལ་ཁྲིམས་མཆོག ལུགས་བདེ་གཉིས་ཀྱི་སྐུ་ངོ་གཞིས་འགོ་རྣམ་གཉིས། སེ་ར་བྱེས་སྨད་གཉིས་ཀྱི་༸སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས། ཚོགས་ཆེན་ཞལ་ངོ་རྣམ་པ་གཉིས། སེ་ར་ཚོགས་ཆེན་དབུ་མཛད་ཆེན་མོ་ལགས། བྱེས་སྨད་གཉིས་ཀྱི་དབུ་མཛད་རྣམ་གཉིས། སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་སྤྱི་ཟུར་རྣམ་པ། ཁམས་ཚན་ཁག་གི་རྒན་རྣམ་པ། དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་དང་། ཉེ་འཁོར་སློབ་གྲྭ་ཁག་གི་སློབ་སྤྱི་དང་སྐུ་ཚབ་རྣམ་པས་དབུས་འཛམ་གླིང་ས་གནས་གང་སར་བཞུགས་པའི་དགེ་ཆེ་ཟུར་པ་ཁག། དགེ་རྒན་ཟུར་པ་ཁག སློབ་ཟུར་དང་། སློབ་གྲྭའི་དགེ་སློབ་ལས་བྱེད་དང་བཅས་པ་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༡ སྔ་དྲོའི་ཆུ་ཚོད་ ༠༩ ཐོག་སློབ་གྲྭའི་ཚོགས་ཁང་ཆེན་མོར་འདུ་འཛོམས་ཀྱིས་ཐོག་མར་༸གོང་ས་རྒྱལ་བའི་དབང་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་གདན་འདྲེན་ཞུས་རྗེས་གཤམ་འཁོད་མཛད་རིམ་ལྟར།
༡ མཐོང་གྲོལ་རིན་པོ་ཆེ་གདན་ཞུ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ། ༩།༠༠
༢ སྣང་གསལ་ཞལ་ཕྱེ་གནང་རྒྱུ། ༩།༠༥
༣ འཕགས་བོད་རྒྱལ་གླུ་གདངས་དབྱངས་སུ་གྱེར་རྒྱུ། ༩།༡༥
༤ གསོལ་ཇ་དང་འབྲས་སིལ་དྲང་རྒྱུ། ༩།༡༨
༥ དཔལ་ལྡན་སློབ་སྤྱི་མཆོག་གི་སློབ་གྲྭའི་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད། ༩།༢༠
༦ སེར་བྱེས་མཁན་སྙན་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་གསུང་བཤད་བཀའ་དྲིན་སྐྱོང་རྒྱུ། ༩།༣༠
༧ དྲན་རྟེན་ཕྱག་རྟགས་དང་། གཟེངས་རྟགས་སོགས་འབུལ་སྩལ་གནང་རྒྱུ།
སློབ་གྲྭའི་ཁྲི་པ་མཆོག་ནས་སྐུ་མགྲོན་གཙོ་བོ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་
མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་སྦེང་ལོར་ལྷོ་སྤྱི་སྐུ་ཞབས་འཇིགས་མེད་
ཚུལ་ཁྲིམས་ལགས།སེར་སྨད་མཁན་རིན་པོ་ཆེ་མཆོག་བཅས་ལ་དྲན་རྟེན་ཕྱག་རྟགས་འབུལ་རྒྱུ། ༩།༤༠
༨ སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས། སློབ་གྲྭའི་སློབ་
སྤྱི་ཟུར་པ་རྣམས་ཀྱི་སྲི་ཞུར་ངོས་འཛིན་གཟེངས་རྟགས་དང་དྲན་རྟེན་ཕྱག་རྟགས་སྩལ་རྒྱུ། ༩།༤༥
༩ སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ནས། སློབ་གྲྭའི་འགན་
འཛིན་ཟུར་པ་རྣམས་ལ་དྲན་རྟེན་ཕྱག་རྟགས་གནང་རྒྱུ། ༩།༥༠
༡༠ སློབ་དགེ་ཟུར་པ་རྣམས་ལ་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་
མཆོག་གིས་དྲན་རྟེན་ཕྱག་རྟགས་སྩལ་རྒྱུ། ༩།༥༥
༡༡ སློབ་གྲྭའི་ཁྲི་པ་མཆོག་ནས་སློབ་གྲྭ་འདི་ཉིད་ཀྱི་སྔ་དགོང་གི་ཕྱག་དཔེ་རྒན་ལགས་དང་། ཉིན་མོའི་སློབ་ཚན་
དགེ་རྒན་རྣམ་པ་ལ་དྲན་རྟེན་ཕྱག་འཁྱེར་གནང་རྒྱུ། ༡༠།༠༥
༡༢ རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷ་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་ནས།ཕྱི་ལོ་
༢༠༢༡ དང་༢༠༢༢ ལོའི་སློབ་དུས་སྐབས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་དུ་བརྒྱ་ཆ་བདུན་ཅུ་དོན་ལྔར་
སོན་ནས་ཧིན་སྒོར་ ༢༥༠༠༠གསོལ་རས་འཐོབ་མཁན་རྣམས་ལ་བྱ་དགའ་གནང་རྒྱུ།
༡༠།༢༠
༡༣ སྦེང་ལོར་ལྷོ་སྤྱི་སྐུ་ཞབས་འཇིགས་མེད་ཚུལ་ཁྲིམས་མཆོག་ནས། ཕྱི་ལོ་ ༢༠༢༡ ལོའི་རྒྱལ་ཡོངས་ཡིག་རྒྱུགས་
ཁྲོད་བོད་ཡིག་གི་བརྒྱ་ཆ་མཐོ་ཤོས་ལེན་མཁན་ལ་བྱ་དགའ་སྩལ་རྒྱུ། ༡༠།༢༥
༡༤ སློབ་དགེ་སྐུ་ཞབས་བསྟན་འཛིན་ཟླ་བ་མཆོག་ནས་ཁོང་གི་འདས་པོ་ཕ་མ་གཉིས་ཀྱི་རྗེས་དྲན་མཚན་གནས་
ཐོག་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཁྱོན་ཡོངས་ཀྱི་བརྒྱ་ཆ་མཐོ་ཤོས་ལེན་མཁན་དང་།
བོད་ཡིག་ཨང་ཀི་མཐོ་ཤོས་ལེན་མཁན་གྱི་སློབ་མ་གཉིས་ལ་བྱ་དགའ་ཧིན་སྒོར་ ༢༥༠༠/- རེ་གནང་རྒྱུ།
༡༠།༣༠
༡༥ སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་གྱི་མངའ་སྡེ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས།སློབ་གྲྭའི་ཉེར་
ལྔའི་བརྙན་དེབ་དང་།དགེ་ཆེ་ལྷུན་གྲུབ་རྡོ་རྗེའི་དཔེ་དེབ་དེབ་ཕྲེང་ལྔ་པ། འཛིན་གྲྭ་དགུ་པའི་སློབ་མ་
ཚོའི་རྩོམ་ཡིག་ཕྱོགས་བསྒྲིགས(སློབ་ཕྲུག་གི་ཚོར་བ།)སོགས་དབུ་འབྱེད་གནང་རྒྱུ།
༡༠།༣༥
༡༦ སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ནས་གསུང་བཤད་བཀའ་
དྲིན་སྐྱོང་རྒྱུ།
༡༠།༤༠
༡༧ སློབ་གྲྭའི་དགེ་ཆེས་ཐུགས་རྗེ་ཆེའི་གཏམ་བཤད་ཞུ་རྒྱུ། ༡༠།༥༠
གུང་ཚིགས། ཚོགས་ཁང་གོང་མ། ༡༡།༠༠
སྐུ་མགྲོན་རྣམ་པས་གཙོས་མཛད་སྒོར་མཉམ་ཞུགས་གནང་མཁན་དགེ་སློབ་ལས་བྱེད་ཡོངས་དང་སློབ་ཟུར་ཡོངས་ལ་ཉིན་གུང་གསོལ་ཚིགས་གྲ་རྒྱས་འདེགས་འབུལ་ཞུས་པ་བཅས་ཀྱི་གནས་ཚུལ་དུ།
སེར་བྱེས་སློབ་གྲྭ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༡ ཉིན་སྤེལ། །
Celebrating the 25 years of C.B.S.E. Affiliation 1997-2022) We are very happy to be celebrating the 25 years of our affiliation with the Central Board of Secondary Education, New Delhi. Under the blessings and farsighted visionary guidance of our Supreme Religious Leader HH the Great 14th Dalai Lama we were able to give quality education to more than 3000 of monk students in our school. We are all highly honoured and privileged with the kind presence of our Chief Guest Shri Pema Khandu, Honourable Chief Minister of Arunachal Pradesh, Guest of Honour, Smt. Rinchen Lhamo, Honourable Member (MoS), Commision for Minorities, GoI and Chief Representative Officer, Abbot of Sera Jey and Mey Monasteries and other dignitaries and high lamas. Thank you all for gracing this special occasion of Silver Jubilee Celebrations at Sera Je Secondary School. As we strive to make a big leap in Educating the young novices and instill universal values, looking after their wholesome development. We would like to thank all our kind sponsors, supporters and friends for their unflinching support to our school. We also would like to take this opportunity to thank all our former Principals, Directors and teachers who have had a great contribution in shaping this Wonderful Educational Institute of academic excellence giving quality education to the young novices of the Monastery.