School Re-opening


Admin    03 Mar 2021    468

The School Re-opening.༄༅། །ཕྱི་ལོ་༢༠༢༠ ཕྱི་ཟླ་༠༣ ཙམ་ནས་འཛམ་གླིང་ཁྱོན་ལ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་ཕྱིན་པའི་རྐྱེན་གྱིས་རྒྱ་གར་རྒྱལ་ཡོངས་ལ་ཡང་དཀའ་ངལ་གཅིག་མཚུངས་ཀྱིས་གཞུང་གི་བཀའ་སློབ་ལམ་སྟོན་འོག་སློབ་གྲྭ་ཁག་སློབ་མཚམས་འཇོག་དགོས་བྱུང་བ་མཁྱེན་གསལ་ལྟར། འདི་ག་སེར་བྱེས་སློབ་གྲྭ་ཡང་སློབ་མཚམས་བཞག་སྟེ་འཛིན་གྲྭ་མཐོ་བ་རྣམས་ལ་དྲ་ཐོག་ནས་སློབ་ཁྲིད་ཞུས་པ་དང་། འཛིན་གྲྭ་དམའ་རིམ་རྣམས་ལ་སློབ་གཞི་དང་འབྲེལ་ཆགས་ནང་སྦྱོང་སྤྲད་དེ་ལོ་འཁོར་རྒྱུགས་སྤྲོད་ནམ་རྒྱུན་ལྟར་གཏོང་ཐུབ་པ་བྱུང་ཡོད། 

  བར་ལམ་ནས་རྒྱ་གར་རྒྱལ་ཡོངས་དང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བསྐྱར་དུ་འཚོགས་བཞིན་པ་ལྟར། འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭ་ཡང་རྒྱ་གར་གཞུང་གི་ལམ་སྟོན་དང་མ་འགལ་བའི་ཐོག་འདི་གའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་ལ་དགོངས་བསྐོར་བཀའ་འཁྲོལ་ཞུས་ཏེ་ལམ་སྟོན་ཇི་ཕེབས་གཞིར་བཟུང་དེ་རིང་ཕྱི་ལོ་༢༠༢༡ ཟླ་༠༣ ཚེས་༠༣ ཉིན་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་བཞི་བརྒྱ་བརྒལ་བས་དགའ་སྤྲོའི་ངང་སློབ་ཞུགས་གནང་ལ་དང་། སེར་བྱེས་འཕྲོད་བསྟེན་སྨན་ཁང་ནས་སྨན་པ་ཕེབས་ཏེ་སློབ་ཕྲུག་རྣམས་ལ་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་རྟགས་ཚྭ་བ་ཡོད་མེད་བརྟག་དཔྱད་གནང་བ་སོགས་སློབ་ལོ་གསར་པའི་ལས་དོན་འགོ་འཛུགས་ཚགས་ཚུད་ལེགས་གྲུབ་བྱུང་སོང་། 

འཛམ་གླིང་ཁྱོན་ལ་ཁྱབ་པའི་ནད་ཡམས་གདུག་པ་ཅན་འདི་ཉིད་གོ་ལ་འདིའི་སྟེང་ནས་མྱུར་དུ་རྩ་སྟོང་དུ་འགྱུར་བ་དང་འགྲོ་ཀུན་བདེ་བའི་སྨོན་འདུན་བཅས། 

སེར་བྱེས་སློབ་གྲྭ་ནས་ཕྱི་ལོ་༢༠༢༡ ཟླ་༠༣ ཚེས་༠༣ ལ། །

Sera Je School has been closed due to the Covid-19 situation from March last year as per the government guidelines since then. The senior classes have been given online teaching since then and for the smaller classes we have managed with giving home assignments and distributing the notes for studying. Due to this we have been able to conduct the examination also. 

Now as the schools across the country are re-opening. We are also re-opening our school with the kind consent and guidance from Kyabje khenrinpoche Abbot of the Sera Jey Monastery. Around 400 students from class VI and above attended the school with screening done by the Health workers from the Sera Je Health Care Center. We are all happy that the school is able to re-open successfully from today.