School Founding Day


Admin    05 Jun 2026    128

The 43rd School Founding Day was celebrated on 01/06/2026. སེར་བྱེས་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་༤༣ འཁོར་བའི་དུས་ཆེན་ལ་འཚམ་འདྲི་ཞུ།

༄༅། །དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༠༦ ཚེས་ ༠༡ འདི་བཞིན་རྒྱལ་སྤྱིའི་བྱིས་པའི་ཉིན་མོ་དང་། སེར་བྱེས་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༤༣ འཁོར་བའི་དུས་ཆེན་ཉིས་འཛོམས་ལ་བརྟེན། དུས་ཆེན་སྲུང་བརྩིའི་སླད་འདི་ག་སློབ་གྲྭའི་ངོས་ནས་སྔ་དྲོ་ཆུ་ཚོད་ ༨:༤༥ ཐོག་དགེ་སློབ་ལས་བྱེད་དང་བཅས་པ་སློབ་གྲྭའི་ཚོགས་ཁང་ཆེན་མོར་མཉམ་འཛོམས་ཐོག སྐུ་མགྲོན་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་པོ་ཆེ་༸རྗེ་བཙུན་བཀྲ་ཤིས་ཚེ་ཐར་མཆོག་དང་། དམིགས་བསལ་སྐུ་མགྲོན་གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དབུ་བཞུགས་ཀྱིས་ཐོག་མར་གང་བློ་མ་དང་འཕགས་བོད་རྒྱལ་གླུ་དབྱངས་སུ་གྱེར། 

ཆུ་ཚོད་༩:༠༠ ཐོག་སློབ་སྤྱི་སྤེན་པ་བཟང་པོ་ལགས་ནས་གུས་བསུའི་གསུང་བཤད་དང་སློབ་གྲྭའི་བྱུང་བ་ངོ་སྤྲོད་མཛད། དེ་རྗེས་སློབ་གྲྭའི་ཁམས་ཚན་བཞིའི་དབར་མཚན་ཉིད་རྩོད་འགྲན་དང་དྲི་འགོད་མཛད་རིམ་འགོ་འཛུགས་ཞུས། 

དེ་རྗེས་སློབ་གྲྭའི་ཁམས་ཚན་བཞིའི་དབར་མཚན་ཉིད་རྩོད་འགྲན་དང་དྲི་འགོད་ཀྱི་ཨང་རིམ་གསལ་བསྒྲགས་དང་བྱ་དགའ་སྩལ་གནང་མཛད། དེ་རྗེས་ཕྱི་ལོ་ ༢༠༢༥ ལོའི་ཤེས་རིག་ཡིག་གཟུགས་ཕུལ་འགྲན་སྡུར་ཁྲོད་ཨང་ཀི་སོན་པའི་སློབ་ཕྲུག་གྲངས་ལྔ་ལ་བྱ་དགའ་དང་ལེགས་གསོའི་མཇལ་དར་གསོལ་བསྩལ་གནང་།

དེ་རྗེས་ཤེས་རིག་རྩོམ་བྲིས་འགྲན་སྡུར་ནང་ཨང་ཀི་སོན་པའི་བོད་དགེ་གཉིས་ལ་ལེགས་གསོལ་བྱ་དགའ་བསྩལ།  དེ་རྗེས་སློབ་གྲྭའི་འགན་འཛིན་དགེ་བཤེས་ཡེ་ཤེས་བྱང་ཆུབ་མཆོག་ནས་འཛིན་སྐྱོང་དང་འབྲེལ་བའི་གསུང་བཤད་གནང་། 

དེ་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དགེ་སློབ་ཡོངས་ལ་བླང་དོར་ལམ་སྟོན་བཀའ་སློབ་བསྩལ། མཇུག་ཏུ་དགེ་ཆེ་བསྟན་འཛིན་བསོད་ནམས་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ། 

ཆུ་ཚོད་༡༢:༠༠ ཐོག་སློབ་གཞུང་ནས་སྐུ་མགྲོན་གྱིས་གཙོས་དགེ་སློབ་ཡོངས་ལ་ཉིན་གུང་གསོལ་སྟོན་གྲ་རྒྱས་བཤམས་པ་བཅས་ཀྱི་གནས་ཚུལ་དུ། 

སེར་བྱེས་འབྲིང་རིམ་སློབ་གྲྭའི་འགན་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༠༦ ཚེས་ ༠༡ ཉིན་སྤེལ། །