Result Declaration of Annual Exam-2018


Admin    15 Dec 2018    57

༄༅། ། དེ་རིང་ཕྱི་ལོ་༢༠༡༨ ཟླ་༡༢ ཚེས་༡༥ ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་དབུ་བཞུགས་ཐོག ཁམས་ཚན་རྒན་རྣམ་པ་དང་། སློབ་ཕྲུག་གི་ཁག་ཐེག་རྒན་རྣམ་པ་མཉམ་ཞུགས་ཐོག་ཕྱི་ལོ་༢༠༡༨ ལོའི་ལོ་འཁོར་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་དང་། གྲུབ་འབྲས་གཟེངས་ཐོན་གྱི་སློབ་མ་རྣམ་པར་བྱ་དགའ་གསོལ་བསྩལ་གྱི་མཛད་སྒོ་ཟབ་རྒྱས་ངང་འཚོགས་གནང་བ་དང་། དེ་རྗེས་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་བླ་དོར་ལམ་སྟོན་གྱི་བཀའ་སློབ་ཟབ་རྒྱས་གནང་སྟེ། ཕྱི་ལོ་༢༠༡༨ ལོའི་སློབ་མཇུག་སྒྲིལ་ནས་དགུན་ཁའི་གུང་གསེང་དངོས་སུ་བཏང་གནང་སོང་། །

Today, the results of the academic year 2018 is being declared by class teachers in the presence of the Abbot of the Monastery, Khenrinpoche Logoan Tulku Tenzin Jampa Choesang Rinpoche, the Chairman of the School. The respective house masters and the guardian teachers were also present to hear the results of the students performance in the examination. 

The prizes were distributed to the three position holders from each class and for their excellent performances in the academic fields.