Our school Director and Principal met with Most Honourable Chief Minister of Sikkim, Mr. Prem Sing Tamang at Gangtok


Admin    13 Nov 2021    51

༄༅། ། དེ་རིང་ཕྱི་ལོ་༢༠༢༡ ཟླ་༡༠ ཚེས་༢༩ ཉིན་གྱི་སྔ་དྲོ་འབྲས་ལྗོངས་མངའ་སྡེ་གཞུང་གི་ཚན་རིག་དང་འཕྲུལ་རིག ཁོར་ཡུག་བཅས་ཀྱི་བློན་ཆེན་སྐུ་ཞབས་ཀརྨ་བློ་གྲོས་བྷུ་ཊི་ཡ་མཆོག་དང་། སྐུ་ཟླ་སྐུ་སྐྱེ་མ་མཆོག་པ་ལགས་ལྷན་རྒྱས་སུ་འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭའི་འགན་འཛིན་དགེ་བཤེས་ཐུབ་བསྟན་བསྟན་དར་མཆོག་དང་། སློབ་སྤྱི་ཨཅཱརྱ་དགེ་བཤེས་རིན་ཆེན་ཚེ་རིང་མཆོག སྣེ་ཤན་པ་སློབ་ཟུར་བློ་བཟང་ཚེ་དབང་བཅས་ནས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློ་ཆེན་པེ་རེམ་སིངྒ་ཏ་མང་( Prem Singh Tamang) མཆོག་ལ་མཇའ་བཅར་ཞུས་པར། བློན་ཆེན་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོའི་ངང་སེར་བྱེས་སློབ་གྲྭ་ནས་ད་བར་འབྲས་ལྗོངས་ཀྱི་སློབ་ཕྲུག་མང་པོ་ཞིག་ལ་ཤེས་ཡོན་སློབ་གསོའི་གོ་སྐབས་བཟང་པོ་བསྐྲུན་པར་ཐུགས་རྗེ་ཞུ་ཆེ་དང་འབྲེལ། སློབ་གྲྭའི་ལས་དོན་གནང་ཕྱོགས་ཁག་ལ་ཁོང་ཉིད་ཐུགས་ཧ་ཅང་མགུ་བའི་རྣམ་པའི་ཐོག་ནས་རྗེས་སུ་ཡི་རངས་དང་ཡིད་སྨོན་བསྔགས་བརྗོད་ཆེན་པོ་གནང་འདུག་མ་ཟད། སླད་ཕྱིན་སློབ་གྲྭའི་མཛད་ཕྱོགས་ཐད་ལ་ཐུགས་བརྩེའི་ལམ་སྟོན་དང་མ་འོངས་པར་དགོས་པ་བྱུང་ཚེ་མངའ་སྡེའི་གཞུང་ནས་བབ་གཟིགས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་བཟང་པོ་ཡང་གནང་འདུག་ན། འདི་ག་སློབ་གྲྭའི་དགེ་སློབ་ལས་བྱེད་ཡོངས་ནས་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་མ་ཟད། མ་འོངས་ལོ་ཟླའི་ནང་སྤྱི་ཁྱབ་བློན་ཆེན་མཆོག་སྐུ་དཀྱིལ་ཉ་གང་ཟླ་ལྟར་གསལ་ཞིང་། རླབས་ཆེན་ཐུགས་བཞེད་ཁག་གེགས་མེད་ཡིད་རེ་ལྟར་འགྲུབ་པའི་སྨོན་འདུན་བཅས། 

སེར་བྱེས་སློབ་གྲྭ་ནས་ཕྱི་ལོ་༢༠༢༡ ཟླ་༡༠ ཚེས་༢༩ ཉིན་ལ། །

Today, on 29th Oct, 2021, Our school Director Geshe Thupten Tendar and Principal Geshe Rinchen Tsering met with Most Honourable Chief Minister of Sikkim, Mr. Prem Sing Tamang at Gangtok. Honourable Minister Mr Karma Loday Bhutia, (Minister for Environment, Science and Technology and Climate change Deptt., Mines, Minerals and Geology of the GOVERNMENT OF SIKKIM.) and his wife accompanied our school Director and Principal with one of our ex-student Lobsang Tsewang, presently a tour guide also accompanying them during the meeting with the Honourable Chief Minister. During the meeting our school Principal and Director apprised about the Sera Je Secondary School’s Educational Programs and activities of the school. And discussed about the academic development and wholesome development of the students. Most Honourable Chief Minister of Sikkim was very appreciative of the school Educational and Academic programs and thanked the school for the academic opportunity received by many of the students from Sikkim in this Institute. He was immensely impressed by the academic and overall achievement of the school. He highly appreciated the school and also gave his valuable advice and assured to extend support from the Sikkim Government to the school in future. We on behalf of all the students, teachers and staff members of the Sera Je Secondary School would like to thank him and wish him good health and all the best for his future endeavours .