Meeting-with-CBSE-Regional-Officer,-Bangalore.


Admin    30 May 2022    335

༄༅། །ཉེ་ལམ་ཕྱི་ཟླ་༠༥ ཚེས་༡༨ ཉིན་སེར་བྱེས་འབྲིང་རིམ་སློབ་གྲྭའི་འགན་འཛིན་དགེ་བཤེས་ངག་དབང་རིག་གསལ་ལགས་དང་སློབ་སྤྱི་སྤེན་པ་བཟང་པོ་ལགས་གཉིས། རྒྱ་གར་རྒྱལ་ཡོངས་དབུས་ཤེས་ཡོན་ལྷན་ཚོགས་(CBSE) བྷེང་ལོར་ས་གནས་ཀྱི་འགན་འཛིན་ཌོག་ཊོར་རན་བིར་སིངྒ་(Dr. Ranbir Singh ) ལགས་ཀྱི་ལས་ཁུངས་སུ་བཅར་ཏེ། འདི་ལོ་ཕྱི་ཟླ་༡༠ པའི་ནང་འཚོག་རྒྱུའི་སེར་བྱེས་འབྲིང་རིམ་སློབ་གྲྭར་རྒྱ་གར་དབུས་ཤེས་ཡོན་ལྷན་ཚོགས་ནས་ངོས་འཛིན་ཐོབ་སྟེ་ལོ་ངོ་ཉེར་ལྔ་འཁོར་བའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་བར་ཁོང་ནས་དགའ་སྤྲོའི་ངང་ཞལ་བཞེས་གནང་བའི་གནས་ཚུལ་དུ། 

སེར་བྱེས་འབྲིང་རིམ་སློབ་གྲྭ་ནས། །

Our School Director Geshe Ngawang Rigsel la and Principal Mr. Penpa Sangpo la, called on Dr. Ranbir Singh, Regional Officer, Central Board of Secondary Education at Bangalore on 18th May 2022 and conveyed to him the School's plan to celebrate the Silver Jubilee Year of CBSE Affiliation in October 2022, and extended the invitation to be the Chief Guest of the Silver Jubilee Celebration Program. Dr. Ranbir Singh graciously accepted the Invitation.