Importance of Reading Books.


Admin    05 May 2025    121

Talk on the importance of Reading books and inculcaling reading habits by Gen Lhundup Dorjee la to our senior students and to the visiting students from Arunachal Pradesh at the school hall. Our school Director Geshe Tashi Gyaltsen la offered scarf and thanked Gen Lhundup Dorjee la after the conclusion of the question and answer session. ༄༅། །དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༠༥ ཚེས་ ༠༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༠༩ པའི་ཐོག་སེར་བྱེས་འབྲིང་སློབ་གྲྭའི་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་ཕྲུག་རྣམས་སློབ་གྲྭའི་ཚོགས་ཁང་སྟེང་མར་འདུ་འཛོམས་ཀྱིས། བརྗོད་གཞི་གཙོ་བོ་སློབ་ཕྲུག་རྣམས་ནས་དཔེ་དེབ་ཀློག་རྒྱུ་དང་རྩོམ་ཡིག་བྲི་རྒྱུར་དོ་དབྱིངས་སམ་སྤྲོ་སྣང་ཇི་ལྟར་འཕེལ་ཐབས་སྐོར་ལ་འདི་གའི་སློབ་དགེ་འབུམ་རམས་པ་རྒན་ལྷུན་གྲུབ་རྡོ་རྗེ་ལགས་ནས་གསུང་བཤད་ལམ་སྟོན་དང་། སློབ་ཕྲུག་གི་ངོས་ནས་དྲི་བ་ཕུལ་ཁོང་གིས་དྲིས་ལན་གནང་སོང་ཞིང་། དམིགས་བསལ་ཨ་རུ་ཎཱ་ཅལ་ནང་པའི་བདེ་དོན་ལྷན་ཚོགས་ཚོགས་ཀྱིས་གོ་སྒྲིག་སྣེ་ཁྲིད་གནང་སྟེ་ཟབ་སྦྱོང་དང་ཤེས་རིག་སྐོར་སྐྱོད་ལ་ཕེབས་པའི་མོན་པའི་སློབ་ཕྲུག་གྲངས་སུམ་ཅུ་ཙམ་འདི་ག་སློབ་གྲྭར་གཟིགས་སྐོར་དང་ཉམས་གསོག་གནང་ཞིང་གཏམ་བཤད་ལས་རིམ་ནང་མཉམ་ཞུགས་གནང་སོང་བ་བཅས་ཀྱི་སྐོར། །