HAPPY TEACHERS' DAY


Admin    05 Sep 2022    303

Wish you all Happy Teachers' Day. སེར་བྱེས་འབྲིང་རིམ་སློབ་གྲྭས་དགེ་རྒན་ཉིན་མོར་སྲུང་བརྩི་ཞུས་པའི་སྐོར།

   ཕྱི་ལོ་༡༩༦༢ ལོ་ནས་བཟུང་རྒྱ་གར་རྒྱལ་ཡོངས་སུ་ལོ་རེའི་ཕྱི་ཟླ་༩ པའི་ཚེས་༥ ཉིན་རྒྱ་གར་གྱི་དགེ་རྒན་ཉིན་མོར་སྲུང་བརྩི་ཞུ་གི་ཡོད། ཉིན་དེར་ཕུལ་དུ་བྱུང་བའི་མཚན་ཉིད་རིག་པ་བ་དང་དགེ་རྒན་གནང་མྱོང་མཁན་རྒྱ་གར་གྱི་སྲིད་འཛིན་གཉིས་པ་(1962-1967) སློབ་དཔོན་ཆེན་མོ་སེརཝེ་པལ་ལི་ར་དྷ་ཀིརྴི་ན་མཆོག་(1888-1975) གི་འཁྲུངས་སྐར་དུས་དྲན་ལ་སྲུང་བརྩི་ཞུས་པ་ཞིག་ཡིན། 

  རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་གཞན་ལྟར་འདི་ག་རྒྱ་གར་ལྷོ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭས་ཀྱང་ཉིན་མོ་དེར་དགེ་རྒན་ཉིན་མོའི་དུས་ཆེན་ཟབ་རྒྱས་ངང་སྲུང་བརྩི་ཞུ་ཆེད། སྔ་དྲོ་ཚོུད།༠༨:༤༥ ཐོག་འགན་འཛིན་རྣམ་པ་དང་སློབ་སྤྱི། དགེ་ཆེ། དགེ་རྒན་རྣམ་པ། སློབ་ཕྲུག་བཅས་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་ཀྱིས་ཐོག་མར་གང་བློ་མ་དང་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དབྱངས་དུ་གྱེར་རྗེས་མཛད་སྒོ་དངོས་མགོ་ཚུགས་པ་དང་། སློབ་ཕྲུག་གི་སྐུ་ཚབ་རྣམས་ནས་སོ་སོའི་ཤིས་ཚིག་སྒྲོག་སྦྱངས་དང་དགེ་རྒན་རྣམ་པར་བཀའ་དྲིན་ལེགས་གསོའི་འཚམ་འདྲི་ཞུས། དེ་རྗེས་དགེ་སློབ་ཐུན་མོང་ནས་གཟིགས་མོའི་བྱེ་བྲག་སྣ་མང་སྤྱན་འབུལ་ཞུས་པ་དང་ཆབས་ཅིག སློབ་གྲྭའི་གཞུང་ལས་ཁང་ནས་དུས་དྲན་གྱི་ཆེད་དགེ་སློབ་ཡོངས་ལ་ཤིང་འབྲས་ཁུ་བ་དང་། དམིགས་བསལ་གསོལ་སྟོན་གྲ་རྒྱས་བཤམས་གནང་ཡོད། གཤམ་ཡོད་དཔར་རིས་རྣམས་དགེ་སློབ་རྣམས་ནས་ཉིན་དེར་དུས་དྲན་སྲུང་བརྩི་ཞུ་སྐབས་ཀྱི་རྣམ་པའི་ཆ་ཤས་ཤིག་ཡིན།

 སེར་བྱེས་སློབ་གྲྭའི་གཞུང་ལས་ཁང་ནས་ཕྱི་ལོ་༢༠༢༢ ཟླ་༩ ཚེས་༥ ཉིན་ལ་སྤེལ། །

Today, we are celebrating the Teachers' Day in the school. All the students and teachers gathered in the school hall for the function organized by the class X students. The students greeted their teachers and wished them Happy Teachers Day. This day is celebrated as the Teachers' Day all over India. (It is the Birthday of Dr. Sarvepalli Radhakrishna who was the first Vice- President of India and the second President of India from 1962 to 1967. He was born on 5 September 1888 and since 1962, every year 5 September, is being celebrated as the Teachers' Day.) 

The class X students have prepared the program well. All the teachers and students enjoyed the games of the Teachers. The function ended with a nice meal to all the teachers and students from the school administration.