Happy Childrens' Day


Admin    14 Nov 2019    65

སེར་བྱེས་འབྲིང་རིམ་སློབ་གྲྭས་བྱིས་པའི་ཉིན་མོར་སྲུང་བརྩི་ཞུས་པའི་སྐོར།

དེ་ཡང་ཕྱི་ལོ་༡༩༥༩ ནས་བཟུང་ལོ་ལྟར་གྱི་ཕྱི་ཟླ་༡༡ པའི་ཚེས་༡༤ ཉིན་རྒྱ་གར་གྱི་སྲིད་བློན་ཟུར་པ་འཇོ་ཧ་ལ་ནེ་རུའི་འཁྲུངས་སྐར་དང་སྟབས་བསྟུན་བྱིས་པའི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད། རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་གཞན་ལྟར་འདི་ག་རྒྱ་གར་ལྷོ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭས་ཀྱང་བྱིས་པའི་ཉིན་མོའི་དུས་ཆེན་ཟབ་རྒྱས་ངང་སྲུང་བརྩི་ཞུ་བཞིན་ཡོད་པ་ཟད། སློབ་དགེ་རྣམས་ནས་སོ་སོའི་ལུས་ངག་གི་རྩལ་ལ་བརྟེན་ནས་བྲོ་གཞས་ཀྱི་བྱེ་བྲག་མི་འདྲ་བ་གཟིགས་འབུལ་ཞུས་པ་དང་། ཆབས་ཅིག་སློབ་གྲྭའི་གཞུང་འཛིན་སྐྱོང་གི་ངོས་ནས་དུས་དྲན་གྱི་ཆེད་དགེ་སློབ་ཡོངས་ལ་དམིགས་བསལ་མངར་ཟས་ཀྱི་བརྔན་པ་གནང་བ་སོགས་ཀྱི་སྒོ་ནས་དུས་ཆེན་གྱི་རྣམ་པ་བཟང་པོ་བསྐྲུན་ཡོད། གཤམ་བཀོད་དཔར་རིས་རྣམས་དགེ་སློབ་རྣམས་ནས་དེ་རིང་དུས་དྲན་སྲུང་བརྩི་ཞུ་སྐབས་ཀྱི་རྣམ་པའི་ཆ་ཤས་ཤིག་ཡིན།

སེར་བྱེས་སློབ་གྲྭའི་གཞུང་ལས་ཁང་ནས་ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༡༤ ཉིན་ལ་སྤེལ། ། 

14 November every year is celebrated in India as the Children's Day. It is the Birthday of the India's First Prime Minister Pandit Jawajarlal Nehru. He is very caring and beloved to the children. Hence his birthday is being celebrated as Children's Day all across India.

We wish all our students Happy Children's Day. We had a wonderful program by the teachers. The sweets are distributed to the students on the happy occasion of the Children's Day. All the Children enjoyed the day.