Happy Children's Day

Admin    14 Nov 2018    36

 

སེར་བྱེས་འབྲིང་རིམ་སློབ་གྲྭས་བྱིས་པའི་ཉིན་མོར་སྲུང་བརྩི་ཞུས་པའི་སྐོར།
དེ་ཡང་ཕྱི་ལོ་༡༩༥༩ ནས་བཟུང་ལོ་ལྟར་གྱི་ཕྱི་ཟླ་༡༡ པའི་ཚེས་༡༤ ཉིན་རྒྱ་གར་གྱི་སྲིད་བློན་ཟུར་པ་འཇོ་ཧ་ལ་ནེ་རུའི་འཁྲུངས་སྐར་དང་སྟབས་བསྟུན་བྱིས་པའི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད། རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་གཞན་ལྟར་འདི་ག་རྒྱ་གར་ལྷོ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭས་ཀྱང་བྱིས་པའི་ཉིན་མོའི་དུས་ཆེན་ཟབ་རྒྱས་ངང་སྲུང་བརྩི་ཞུ་བཞིན་ཡོད་པ་ཟད། སློབ་ཕྲུག་རྣམས་ནས་སོ་སོའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་རྩེད་མོའི་བྱེ་བྲག་མི་འདྲ་བ་གཟིགས་འབུལ་ཞུས་པ་དང་། ཆབས་ཅིག་སློབ་གྲྭའི་གཞུང་ལས་ཁང་ནས་དུས་དྲན་གྱི་ཆེད་དགེ་སློབ་ཡོངས་ལ་ཤིང་འབྲས་ཁུ་བ་དང་། དམིགས་བསལ་བརྔན་པ་གནང་བ་སོགས་ཀྱི་སྒོ་ནས་དུས་ཆེན་རྣམ་པ་བཟང་པོ་བསྐྲུན་ཡོད། གཤམ་ཡོད་དཔར་རིས་རྣམས་དགེ་སློབ་རྣམས་ནས་ཉིན་དེར་དུས་དྲན་སྲུང་བརྩི་ཞུ་སྐབས་ཀྱི་རྣམ་པའི་ཆ་ཤས་ཤིག་ཡིན།
སེར་བྱེས་སློབ་གྲྭའི་གཞུང་ལས་ཁང་ནས་ཕྱི་ལོ་༢༠༡༨ ཟླ་༡༡ ཚེས་༡༤ ཉིན་ལ་སྤེལ། །

 

 

14 November every year is celebrated in India as the Children's Day. It is the Birthday of the India's First Prime Minister Pandit Jawajarlal Nehru. He is was a very great leader, very caring to children  and beloved to the children. Hence his birthday is being celebrated as Children's Day. 
Wishing all our students Happy Children's Day. We are having a wonderful program by the teachers. The students will be distributed sweets on the happy occasion of the Children's Day. All the Children enjoy the day.