Happy 76th Independence Day


Admin    15 Aug 2022    66

 ༄༅། །དེ་རིང་ཕྱི་ལོ་༢༠༢༢ ཟླ་༠༨ ཚེས་༡༥ ཉིན་རྒྱ་གར་རང་བཙན་ཐོབ་སྟེ་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་ལ་སྲུང་བརྩི་ཞུ་ཆེད། འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭའི་དགེ་སློབ་ཡོངས་སྔ་དྲོའི་ཚོུད་༠༩ ཐོག་སློབ་གྲྭའི་མདུན་ཐང་དུ་འདུ་འཛོམས་ཀྱིས་འཕགས་བོད་རྒྱལ་གླུ་དབྱངས་སུ་གྱེར་རྗེས་སློབ་མའི་སྐུ་ཚབ་གསུམ་གྱི་ངོས་ནས་ཧིན་བོད་དབྱིན་གསུམ་སྐད་ཀྱི་ཐོག་ནས་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་༧༥ འཁོར་བའི་བརྒྱུད་རིམ་ལོ་རྒྱུས་གཏམ་བཤད་ཟབ་རྒྱུས་ཞུས། དེ་རྗེས་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་དགེ་སློབ་ཡོངས་ལ་རྟེན་འབྲེལ་མངར་ཟས་འབུལ་ལམ་ཞུས་པ་དང་འབྲེལ་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུ་སྐབས་ཀྱི་འདྲ་དཔར་བཀོད་པ་དགེའོ། །

སེར་བྱེས་སློབ་གྲྭ་ནས། ། Today, as we celebrate the 76th Independence Day of India, Azadi ka Amritmahotsav.  All our students and teachers gather at the School Assembly ground for the School's Independence Day Flag Hoisting Ceremony. The program included the Hoisting of National Flag and singing of National Anthem, delivery of speeches by students and teachers etc and distribution of sweets to all the students and teachers of the school. We wish all our Indian Brothers and Sisters a very Happy Independence Day.