Half Yearly Exam in Progress


Admin    18 Jul 2019    180

༄༅། །དེང་སང་སེར་བྱེས་འབྲིང་རིམ་སློབ་གྲྭའི་ལོ་ཕྱེད་ཡིག་རྒྱུགས་གཏོང་བཞིན་ཡོད་པ་ལྟར། དགེ་སློབ་རྣམས་དབུ་ལ་མེ་ཤོར་ཡང་འཕུར་ལོང་མེད་པར་བྲེལ་བྲེལ་ཟིང་ཟིང་ངང་ཡིག་རྒྱུགས་ཀྱི་བྱ་བར་འབད་འབུངས་གནང་བཞིན་པ་མ་ཟད། གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་ནས་སྔ་བར་ཕྱི་གསུམ་དུ་སློབ་གྲྭའི་ཤེས་ཡོན་འཕེལ་ཕྱོགས་ཐོག་ལ་ཐུགས་སྣང་ཆེན་པོས་སྐུ་དངོས་སུ་ཞབས་ཀྱིས་བཅགས་ཏེ་གཟིགས་རྟོག་དང་ལམ་སྟོན་བཀའ་སློབ་སོགས་རྒྱུན་དུ་ཕེབས་མུར། ད་ལམ་གྱི་སློབ་གྲྭའི་སློབ་དཀྱིལ་ཡིག་ཚད་ལ་ཐུགས་སྣང་ཧ་ཅང་ཆེན་པོས་དེ་རིང་ཕྱི་ལོ་༢༠༡༩ ཟླ་༠༧ ཚེས་༡༩ ཉིན་ཡིག་རྒྱུགས་གཏོང་སའི་ས་ཡུལ་དངོས་ལ་ཞབས་ཀྱིས་བཅགས་ཏེ་གཟིགས་ཞིབ་དང་དགེ་སློབ་རྣམས་ཀྱི་འགན་འཁྲིའི་བསམ་བློར་སྐུལ་ལྕགས་དང་སེམས་ཤུགས་སྦྱིན་གནང་སོང་བར། འདི་ག་སློབ་གྲྭའི་ངོས་ནས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་བཅས། 

སེར་བྱེས་སློབ་གྲྭ་ནས་སྤེལ། ། 

Today, is the third day of the Half Yearly Examination of academic session- 2019. Abbot of our Monastery, Kyabje Khenrinpoche Logoon Tulku Tenzin Jampa Choesang Rinpoche, Chairman of our school visited to the Examination spot today to oversee the Half Yearly Examination going at the school. Our School Director Geshe Thupten Tendar, Headmaster Gen Penpa Sangpo and School Disciplinarian Gen Gyalpo were accompanying with Khenrinpoche during the visit to the exam venue.