Half Yearly Examination-2019 Result Declaration


Admin    01 Aug 2019    62

༄༅། །ཉེ་ལམ་ཕྱི་ཟླ་༠༧ ཚེས་༡༧ ནས་ཚེས་༢༥ བར་སེར་བྱེས་འབྲིང་རིམ་སློབ་གྲྭའི་ལོ་ཕྱེད་ཡིག་ཚད་དམ་སློབ་དཀྱིལ་ཡིག་ཚད་བཏང་ནས་ཉིན་གྲངས་བདུན་གྱི་རྗེས་ཏེ། དེ་རིང་ཕྱི་ཟླ་༠༧ ཚེས་༣༡ ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་སློབ་གྲྭའི་གཙོ་འཛིན་རྣམ་པས་དབུས་དགེ་སློབ་རྣམ་པ་དང་སློབ་ཕྲུག་ཡོངས་རྫོགས་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་ཀྱིས། འཛིན་གྲྭ་སོ་སོའི་དགེ་རྒན་རྣམ་པས་འཛིན་གྲྭ་སོ་སོའི་སློབ་ཕྲུག་གི་ཡིག་ཚད་གྲུབ་འབྲས་སྒྲོག་སྦྱང་གནང་བ་དང་། དེ་འབྲེལ་སློབ་གྲྭའི་དབུ་འཛིན་རྣམ་པས་གྲུབ་འབྲས་ལེགས་སོན་གྱི་སློབ་མའི་གྲུབ་འབྲས་ལ་གཟེངས་བསྟོད་བསྔགས་བརྗོད་དང་། ཡིག་རྒྱུགས་ཁྲོད་ཨང་རིམ་བཞེས་མཁན་རྣམས་ལ་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་ལེགས་གསོལ་བྱ་དགའ་བསྩལ་གནང་གིས་སློབ་དཀྱིལ་ཡིག་ཚད་གྲུབ་འབྲས་གསལ་བསྒྲགས་ཀྱི་མཛད་སྒོ་དེ་རྒྱལ་ཁའི་ངང་གྲོལ་སོང་བ་བཅས་ཀྱི་གནས་ཚུལ་དུ། 

སེར་བྱེས་སློབ་གྲྭ་ནས་སྤེལ། །

The result of the Half Yearly Examination of the academic year- 2019 was declared on 31/07/2019. The half yearly examination has been recently concluded on 25/07/2019. The class teachers will respectively declare the results of their classes and the students will know of their performance in the examination so that they can take the corrective measures and improve their academic achievements in the time ahead. The best performers or the achievers in the classes are given the prizes for their achievements in the half yearly examination.