Childrens' Day Celebration at School today.


Admin    14 Nov 2021    34

HAPPY CHILDRENS' DAY TO ALL.་

བྱིས་པའི་ཉིན་མོ།

༄༅། །དེ་རིང་ཕྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༤ ཉིན་ནི་རྒྱ་གར་རྒྱལ་ཡོངས་བྱིས་པའི་ཉིན་མོ་ཡིན་ལ། ཉིན་མོ་འདིར་བཙན་བྱོལ་བོད་མི་འདུས་སྡོད་ཁུལ་གྱི་གཏན་ཉིན་སློབ་གྲྭ་རྣམས་ནས་ཀྱང་བྱིས་པའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ཙམ་མ་ཟད། དགོན་སྡེ་གྲྭ་ཚང་གི་སློབ་གྲྭ་རྣམས་ནས་ཀྱང་གཅིག་མཚུངས་སུ་བྱིས་པའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། 

    འཕགས་ཡུལ་ལྷོ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭས་ཀྱང་རྒྱལ་ཡོངས་བྱིས་པའི་ཉིན་མོར་སྲུང་བརྩི་ཞུ་ཆེད་ཞོགས་པ་ཕྱག་ཚོད་༠༩ པའི་དགེ་སློབ་ཡོངས་རྫོགས་སློབ་གྲྭའི་ཚོགས་ཁང་ཆེན་མོར་འདུ་འཛོམས་ཀྱིས་ཐོག་མར་སྐུ་བཞེངས་གནང་སྟེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུའི་རྟ་དབྱངས་ཁྲོད་བྱིས་པའི་ཉིན་མོར་སྲུང་བརྩིའི་མཛད་སྒོ་དབུ་འཛུགས་ཞུས། 

     སློབ་དགེ་ལྷག་པ་ཚེ་རིང་དང་བློ་བཟང་ཚེ་རིང་ལགས་གཉིས་ནས་ཁག་སོ་སོར་བོད་དབྱིན་སྐད་ཀྱི་ཐོག་ནས་དུས་ཆེན་ངོ་སྤྲོད་མཛད་པ་དང་། སྐུ་མགྲོན་གཙོ་བོ་སློབ་གྲྭའི་འགན་འཛིན་དགེ་བཤེས་བྱམས་པ་ཟླ་བ་མཆོག་ནས་དུས་ཆེན་ལ་འཚམ་འདྲི་དང་འབྲེལ། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་བསྩལ་བའི་བྱིས་པའི་ཉིན་མོའི་གསུང་འཕྲིན་བརྒྱུད་བསྒྲགས་ཞུས། 

    དེ་རྗེས་ཕྱི་ལོ་༢༠༢༠ ལོའི་འཛིན་རིམ་བཅུ་པ་མཐར་ཕྱིན་པའི་སློབ་མ་རྣམས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དུ་གཉེར་བའི་དམིགས་བསལ་ཆེད་སྒྲིག་འགྲན་རྩོམ་ཨམྲིཏ་འདོན་ཐེངས་བཞི་པ་འདི་བཞིན་སློབ་གྲྭའི་འགན་འཛིན་དགེ་བཤེས་བྱམས་པ་ཟླ་བ་མཆོག་ནས་དབུ་འབྱེད་གནང་བ་དང་འབྲེལ། འགྲན་རྩོམ་ཁྲོད་ཨང་རིམ་བཞེས་མཁན་རྣམས་ལ་ཕྱག་ཁྱེར་དང་བྱ་དགའ་བསྩལ། 

    དེ་ནས་སློབ་དགེའི་འཐུས་མིའི་རུ་ཁག་ནས་གཞས་སྣ་གཟིགས་འབུལ་ཞུས་མ་ཟད། འཛིན་རིམ་བཅུ་པའི་སློབ་ཕྲུག་གཅིག་ནས་སློབ་མའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་མཛད་སྒོ་དགའ་སྤྲོའི་ངང་མཇུག་སྒྲིིལ་ཞུས། 

   སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་དགེ་སློབ་ཡོངས་ལ་མངར་ཟས་བརྔན་པ་དང་ཉིན་གུང་དམིགས་བསལ་གསོལ་ཚིགས་གྲ་རྒྱས་འདེགས་འབུལ་ཞུས་ཏེ། བྱིས་པའི་ཉིན་མོར་དགེ་སློབ་ཡོངས་རྫོགས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བ་བཅས་ཀྱི་གནས་ཚུལ་དུ། 

སློབ་གྲྭའི་གཞུང་ལས་ཁང་ནས་ཕྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༤ ཉིན་ལ། །

14 November every year is celebrated in India as the Children's Day. It is the Birthday of the India's First Prime Minister Pandit Jawajarlal Nehru. He is very caring and beloved to the children. Hence his birthday is being celebrated as Children's Day all across India. We wish all our students Happy Children's Day. We had a wonderful program by the teachers.

School Director Geshe Jampa Dawa offered Scarf to the the portrait of HH the Dalai Lama and the portrait of Pandit Jawaharlal Nehru. He read the message from the Honourable Sherig Kalon, CTA on the occassion of the Children's Day. The sweets are distributed to the students on the happy occasion of the Children's Day. All the Children enjoyed the day. Our School Administration gave a special meal to all the School Children with an ice cream each students. Our teachers helped in serving food to the students on the happy occassion of the Childrens' Day.