CHILDREN'S DAY CELEBRATION-2022


Admin    14 Nov 2022    35

བྱིས་པའི་ཉིན་མོ། Happy Childrens' Day to all the students.

༄༅། །དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༤ ཉིན་ནི་རྒྱ་གར་རྒྱལ་ཡོངས་བྱིས་པའི་ཉིན་མོ་ཡིན་ལ། ཉིན་མོ་འདིར་བཙན་བྱོལ་བོད་མི་འདུས་སྡོད་ཁུལ་གྱི་གཏན་ཉིན་སློབ་གྲྭ་རྣམས་ནས་ཀྱང་བྱིས་པའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ཙམ་དུ་མ་ཟད། དགོན་སྡེ་གྲྭ་ཚང་གི་སློབ་གྲྭ་རྣམས་ནས་ཀྱང་གཅིག་མཚུངས་སུ་བྱིས་པའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། 

    འཕགས་ཡུལ་ལྷོ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭས་ཀྱང་རྒྱལ་ཡོངས་བྱིས་པའི་ཉིན་མོར་སྲུང་བརྩི་ཞུ་ཆེད་ཞོགས་པ་ཕྱག་ཚོད་ ༠༩ པའི་དགེ་སློབ་ཡོངས་རྫོགས་སློབ་གྲྭའི་ཚོགས་ཁང་ཆེན་མོར་འདུ་འཛོམས་ཀྱིས་ཐོག་མར་སྐུ་བཞེངས་གནང་སྟེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུའི་རྟ་དབྱངས་ཁྲོད་བྱིས་པའི་ཉིན་མོར་སྲུང་བརྩིའི་མཛད་སྒོ་དབུ་འཛུགས་ཞུས། 

     སློབ་དགེ་བསྟན་འཛིན་ཕུན་ཚོགས་ལགས་ནས་བྱིས་པའི་ཉིན་མོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། སློབ་སྤྱིའི་དྲུང་ཡིག་རྒན་བསྟན་འཛིན་ལགས་ནས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་ཆེད་བསྩལ་བྱིས་པའི་ཉིན་མོའི་གསུང་འཕྲིན་བརྒྱུད་བསྒྲགས་ཞུས། 

       དགེ་རྒན་རུ་ཁག་ནས་བྱིས་པའི་ཉིན་མོར་ཆེད་དམིགས་ཞབས་གཞས་གཟིགས་འབུལ་ཞུས། 

  སློབ་གྲྭའི་འགན་འཛིན་དགེ་བཤེས་ངག་དབང་རིག་གསལ་ལགས་ནས་སློབ་གྲྭའི་དབྱིན་བོད་དུས་དེབ་ཀྱི་རྩོམ་འགྲན་རྩེར་སོན་རྣམས་ལ་བྱ་དགའ་བསྩལ། 

   སློབ་མའི་སྐུ་ཚབ་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་མཛད་སྒོ་དགའ་སྤྲོའི་ངང་མཇུག་སྒྲིིལ་ཞུས། 

 སློབ་གྲྭའི་གཞུང་ལས་ཁང་ནས་ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་༡༤ ཉིན་ལ། ། 

We wish all our students Happy Children's Day. We had a wonderful program by the teachers. The sweets are distributed to the students on the happy occasion of the Children's Day. Teachers singing and students playing games. A big fun filled program which all our Children enjoyed.

Here in India, 14th November every year is celebrated in India as the Children's Day. It is the Birthday of the India's First Prime Minister Pandit Jawajarlal Nehru. He is very caring and beloved to the children. Hence his birthday is being celebrated as Children's Day all across India.