Birthday Celebration of His Holiness the Dalai Lama


Admin    10 Jul 2019    99

༄༅། །ལྷ་དང་བཅས་པའི་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག། དུས་རབས་ཉེར་གཅིག་པའི་ངེས་དོན་གྱི་སྟོན་པ་ཆེན་པོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། ངེས་པ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག། ཕྱི་ལོ་༢༠༡༩ ཟླ་༠༧ ཚེས་༠༦ ཉིན་བོད་ལུགས་དགུང་གྲངས་བརྒྱད་ཅུ་གྱ་ལྔ་དང་། ཕྱི་ལུགས་དགུང་གྲངས་བརྒྱད་ཅུ་གྱ་བཞི་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཟབ་རྒྱས་ཞུ་སླད། དེ་རིང་ཞོགས་པ་འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་སློབ་གྲྭའི་འགན་འཛིན་དང་། སློབ་སྤྱི། དགེ་ཆེ་སོགས་ཀྱིས་དབུས་དགེ་སློབ་ལས་བྱེད་དང་བཅས་པ་ཚང་འཛོམས་དབུས་སློབ་ཕྲུག་གི་ངོས་ནས་༸གོང་ས་མཆོག་གི་མཛད་རྣམ་སྒྲོག་སྦྱངས་དང་། ༸གོང་ས་མཆོག་གི་སྐུ་གསུང་ཐུགས་གསུམ་ལ་བསྟོད་པའི་སྙན་ངག་གྱེར་འདོན་བཅས་མདོར་ན་དགེ་སློབ་ཚང་མའི་ངོས་ནས་སྐུའི་འཁྲུངས་སྐར་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག མགོན་པོ་གང་ཉིད་བདག་སོགས་བསྟན་འགྲོའི་མགོན་དུ་སྐུ་ཚེ་མི་འགྱུར་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་། རླབས་ཆེན་མཛད་བཟང་མཐའ་དག་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་སྨོན་འདུན་སྙིང་ཁོང་རུས་པའི་གཏིང་ནས་ཞུས་པ་སྦྲགས་མཛད་སྒོ་རྒྱལ་ཁའི་གྲོལ་སོང་བ་བཅས་ཀྱི་གནས་ཚུལ་དུ།

སེར་བྱེས་སློབ་གྲྭ་ནས། །

On the auspicious occassion of the 84th Birthday of Our Supreme Leader, Nobel Laurate and Champion of world peace, His Holiness the Great 14th Dalai Lama of Tibet, we the students and staff members of Sera Je Secondary School extend our heartiest good wishes and pray that His Holiness live healthy and long life for the benefit of all the Santient Being and May his message of Peace and loving kindness and compassion spreads across the world.