Annual Sports Day 2025 ༈ ཕྱི་ལོ་༢༠༢༥ ལོའི་ལོ་འཁོར་རྩེད་འགྲན་ཆེན་མོ་དེ་ཕྱི་ཟླ་ ༡༠ ཚེས་ ༡༩ དང་ཚེས་ ༢༠ ཉིན་གཉིས་རིང་ལེགས་པར་འཚོགས།
༄༅། ། ཕྱི་ལོ་ ༢༠༢༥ ལོའི་སློབ་གྲྭའི་ལོ་འཁོར་རྩེད་འགྲན་ཆེན་མོ་དེ་ཕྱི་ཟླ་ ༡༠ ཚེས་ ༡༩ དང་ ༢༠ ཉིན་གཉིས་ཀྱི་རིང་འཚོགས་ཤིང་། སློབ་ཕྲུག་ཆེ་འབྲིང་ཆུང་གསུམ་སྡེ་ཚན་གསུམ་དུ་ཕྱེས་ཏེ་ཁང་ཚན་བཞིའི་དབར་རྒྱུགས་མཆོངས་སོགས་རྩེད་རིགས་སྣ་ཚོགས་པའི་འགྲན་སྡུར་བྱས་པའི་ཁྲོད་སློབ་ཕྲུག་རྣམས་ནས་སྤྲོ་སེམས་འཁོལ་བའི་ནང་མཉམ་ཞུགས་དང་། གཟིགས་མོ་བ་སློབ་མ་རྣམས་ཀྱིས་ཁུངས་སོ་སོའི་ཁང་ཚན་གྱི་འགྲན་ཞུགས་པར་རྒྱབ་སྐྱོར་དང་ཁོང་ཚོའི་སེམས་ཤུགས་སྤར་ཕྱིར་ཤུགས་རྒྱོབས་ཞེས་སྐད་འབོད་བྱེད་པ་སོགས་ཚོར་ཤུགས་ཆེན་པོའི་ཁང་ཚན་སོ་སོ་ནས་རྒྱལ་ཁ་འཐོབ་ཐབས་གང་ཟབ་གནང་ཡོད། ༸གོང་ས་མཆོག་གིས་བཟང་སྤྱོད་ལྡན་པའི་འགྲན་སྡུར་ནི་ཤེས་སྤྱོད་དང་སྤྱི་སྒེར་གང་ཞིག་ཡིན་རུང་ཡར་རྒྱས་ཀྱི་གཞི་རྩ་དང་མཐུན་རྐྱེན་རྣལ་མ་ཞིག་ཡིན་པ་ལས་དེ་ལ་ཉེས་དམིགས་སུ་བལྟ་བ་ནི་ནོར་འཕྲུལ་ཡིན་ཡང་། རྒྱལ་ཁའི་ཆེད་ཚུལ་མིན་བྱེད་པ་དང་གཞན་ལ་གནོད་སྐྱེལ་བྱས་ཏེ་འགོག་རྐྱེན་བཟོས་པའི་འཚེ་བའི་རང་བཞིན་ཅན་གྱི་རིགས་ནི་གཏན་ནས་མི་འོས་པ་ཡིན་ལ་དེ་ལྟ་བུའི་འགྲན་སྡུར་ལ་དགག་བྱ་དང་ཉེས་དམིགས་སུ་བལྟ་ཆོག་ཅེས་བཀའ་གནང་ཡོད ། །
For two days 19/10/2025 and 20/10/2025, Its our school Annual Sports Day- 2025. The students of the four different houses of the school participated in the school sports day. House masters and the students have worked hard for the competition on the track and field events. We wish all the participants a successful day on the track field. Physical education being part of the curriculum, the wholesome development of the children in their school is important.





