Annual Sports Day 2023


Admin    15 Oct 2023    769

Annual Sports Day 2023

༄༅། །དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༠༩ ཐོག་སློབ་གྲྭའི་འགན་འཛིན་རྣམ་པ་དང་། སློབ་སྤྱི། དགེ་ཆེ། དགེ་སློབ་ལས་བྱེད་དང་བཅས་པ་ཡོངས་རྫོགས་སློབ་གྲྭའི་རྩེད་ཐང་ཆེན་མོའི་ནང་ལྷན་འཛོམས་ཀྱིས་ཕྱི་ལོ་ ༢༠༢༣ ལོའི་སེར་བྱེས་འབྲིང་རིམ་སློབ་གྲྭའི་ལོ་འཁོར་ལུས་རྩལ་རྩེད་འགྲན་ཆེན་མོ་དགའ་འབོད་དང་བཀྲ་ཤིས་པའི་ཁ་གཡང་ཁྲོད་དབུ་འཛུགས་ཞུས་སོང་། 

    དེ་ཡང་ལོ་འཁོར་རྩེད་འགྲན་ཆེན་མོ་ཉིན་གཉིས་ཀྱི་རིང་སློབ་གྲྭའི་ཁམས་ཚན་བཞིའི་དབར་མཉམ་སྡེབ་དང་རྐྱང་འགྲན་ཅི་རིགས་ཀྱི་སྒོ་ནས་ལུས་རྩལ་གྱི་བྱེ་བྲག་མི་འདྲ་བ་སྣ་ཚོགས་ཐོག་འགྲན་སྡུར་བྱ་རྒྱུ་དང་། འགྲན་ཞུགས་ཡོངས་ལ་རྒྱལ་ཁའི་རིམ་པར་གཞིགས་ཏེ་འཛིན་སྐྱོང་གི་ངོས་བྱ་དགའ་གྱ་ནོམ་པ་གནང་རྒྱུ། ལུས་རྩལ་རྩེད་འགྲན་ཉིན་གཉིས་རིང་འཛིན་སྐྱོང་གི་ངོས་ནས་དགེ་སློབ་ལས་བྱེད་བརྒྱད་བརྒྱ་ལྔ་བཅུ་བརྒལ་བར་གསོལ་སྟོན་གྲ་རྒྱས་ཉིན་འཁྱོངས་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར་གནང་རྒྱུ་རེད་འདུག 

གཤམ་འཁོད་འདྲ་པར་རྣམས་དེ་རིང་རྩེད་འགྲན་ཉིན་དང་པོའི་ས་ཡུལ་དངོས་ཀྱི་སྣང་ཚུལ་ལྷན་རྒྱས་ལ་སྤྱན་བསྟར་ཞུས་པ་དགེ་ལེགས་སུ་གྱུར་ཅིག །   Today, its our school Annual Sports Day- 2023. The students of the four different houses of the school participated in the school sports day. House masters and the students have worked hard for the competition on the track and field events. We wish all the participants a successful day on the track field. Physical education being part of the curriculum, the wholesome development of the children in their school is important.