Annual Sports Day-2019


Admin    11 Nov 2019    76

༄༅། །དེ་རིང་ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༡༠ ཉིན་སེར་བྱེས་འབྲིང་རིམ་སློབ་གྲྭའི་ལོ་འཁོར་རྩེད་འགྲན་ཉིན་མོར་སྲུང་བརྩི་ཞུ་ཆེད། ཞོགས་པ་ཆུ་ཚོད།༩ ཐོག་སློབ་གྲྭའི་འགན་འཛིན་རྣམ་པ་དང་། དགེ་ཆེ། འཛིན་སྐྱོང་ལས་བྱེད། དགེ་སློབ་ཡོངས་སུ་རྫོགས་པ་སློབ་གྲྭའི་རྩེད་ཐང་ཆེན་མོར་ཚང་འཛོམས་ཀྱིས་ཧིན་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བླངས་པ་དང་། དེ་རྗེས་སློབ་གྲྭའི་ཁང་ཚན་བྱམས་བརྩེ་དང་། སྙིང་རྗེ། གཞན་ཕན། ལྷག་བསམ་བཅས་བཞིའི་དབར་ཕན་ཚུན་ལུགས་མཐུན་དྲང་གཞག་ཡོང་སླད། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གིས་སྒྲིག་གཞིའི་འབྲུ་དོན་སྐྱོར་བ་དང་། དེ་རྗེས་ཁང་མཚན་བཞིའི་རྒན་བདག་རྣམས་ཀྱིས་གཙོས་འགྲན་ཞུགས་སློབ་མ་ཡོངས་ཀྱིས་རྗེས་ཟློས་དམ་འབུལ་ཞུས་ཏེ་རྩེད་འགྲན་དངོས་གཞི་འགོ་ཚུགས་སོང་། །
The students of the four different houses of the school participating in the school sports day. House masters and the students have worked hard for the competition on the track and field events. We wish all the participants a successful day on the track field. Physical education being part of the curriculum, the wholesome development of the children in their school is important.