Annual Examination- 2019 in progress.


Admin    13 Dec 2019    329

༄༅། །དེ་རིང་ཕྱི་ལོ་༢༠༡༩ ཟླ་༡༢ པའི་ཚེས་༡༡ ཉིན་ནས་བཟུང་ཕྱི་ལོ་༢༠༡༩ ལོའི་སེར་བྱེས་འབྲིང་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་འགོ་ཚུགས་སོང་། རྒྱུགས་རར་ཞུགས་པའི་སློབ་མ་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་རྒྱུགས་འབུལ་བཞིན་འདུག་ལ། རྒན་ལགས་རྣམ་པས་དོ་ནན་པོའི་ཐོག་ནས་བལྟ་རྟོག་གནང་བཞིན་འདུག་སྟབས། རྒྱུགས་སྤྲོད་ཀྱི་རྣམ་པ་དེ་ཧ་ཅང་གི་སྒམ་རླིང་ཅན་ཞིག་འདུག་པས་སློབ་མ་རྣམ་པས་ཡིད་གཟབ་ཆེན་པོ་གནང་སྐྱོང་ཡོང་བ་དང་། ཚང་མའི་ཡིག་རྒྱུགས་ལ་འབྲས་བཟང་སྨིན་པའི་སྨོན་འདུན་བཅས། 

སློབ་གྲྭའི་ཡིག་ཚང་ནས་ཕྱི་ལོ་༢༠༡༩ ཟླ་༡༢ ཚེས་༡༡ ལ། །

The Annual Examination of the academic year 2019 begins from today. All the students are well prepared and reached the examination venue on time. We hope all the students will do well in their examination. Today is their first paper. We all wish them good luck for their exam.