39th School Founding Day Celebrated


Admin    01 Jun 2022    279

སེར་བྱེས་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་༣༩ འཁོར་བའི་དུས་ཆེན་ལ་འཚམ་འདྲི་ཞུ།

༄༅། །དེ་རིང་ཕྱི་ལོ་༢༠༢༢ ཟླ་༠༦ ཚེས་༠༡ འདི་བཞིན་རྒྱལ་སྤྱིའི་བྱིས་པའི་ཉིན་མོ་དང་། སེར་བྱེས་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༣༩ འཁོར་བའི་དུས་ཆེན་ཉིས་འཛོམས་ལ་བརྟེན། དུས་ཆེན་སྲུང་བརྩིའི་སླད་འདི་ག་སློབ་གྲྭའི་ངོས་ནས་སྔ་དྲོ་ཆུ་ཚོད་༧:༤༥ ཐོག་དགེ་སློབ་ལས་བྱེད་དང་བཅས་པ་སློབ་གྲྭའི་ཚོགས་ཁང་ཆེན་མོར་མཉམ་འཛོམས་ཐོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་གདན་དྲངས་ཏེ་ཐོག་མར་གང་བློ་མ་དང་འཕགས་བོད་རྒྱལ་གླུ་དབྱངས་སུ་གྱེར། 

ཆུ་ཚོད་༨:༠༠ ཐོག་སློབ་སྤྱི་སྤེན་པ་བཟང་པོ་ལགས་ནས་གུས་བསུའི་གསུང་བཤད་དང་སློབ་གྲྭའི་བྱུང་བ་ངོ་སྤྲོད་མཛད། 

ཆུ་ཚོད་༨:༡༥ སློབ་གྲྭའི་དབུ་འཛིན་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དགེ་སློབ་ཡོངས་ལ་བླང་དོར་ལམ་སྟོན་བཀའ་སློབ་བསྩལ། 

ཆུ་ཚོད་༨:༣༠ འཛིན་གྲྭ་དགུ་པ་བཅུ་པའི་བར་ལ་མཚན་ཉིད་དྲི་འགོད་བགྲོ་གླེང་ཚུགས། 

ཆུ་ཚོད་༡༠:༠༠ གསོལ་ཇ་ཞལ་ཏོག་དང་ཆབ་མངར་འདེགས་འབུལ་ཞུས། 

ཆུ་ཚོད་༡༠:༡༥ སློབ་ཕྲུག་གིས་རྩོམ་སྒྲིག་ཞུས་པའི་བོད་དབྱིན་དུས་དེབ་འགྲེམ་སྤེལ་ཞུས། 

ཆུ་ཚོད་༡༠:༤༠ བགྲོ་གླེང་ནང་ཨང་རིམ་སོན་པ་རྣམས་ལ་བྱ་དགའ་བསྩལ།  

ཆུ་ཚོད་༡༠:༥༠ དགེ་ཆེ་ལྷུན་གྲུབ་རྡོ་རྗེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ། ཆུ་ཚོད་༡༡:༠༠  ཐོག་ཉིན་གུང་གསོལ་ཚིགས་གྲ་རྒྱས་འདེགས་འབུལ་ཞུས་པ་བཅས་ཀྱི་གནས་ཚུལ་དུ། 

སེར་བྱེས་འབྲིང་རིམ་སློབ་གྲྭའི་འགན་འཛིན་ལས་ཁུངས་ནས་ཕྱི་ལོ་༢༠༢༢ ཟླ་༠༦ ཚེས་༠༡ ཉིན་སྤེལ། །

Today, we celebrated the 39th school founding day at school hall. The chief guest of the School Founding Day Program was our Most Respected Khenrinpoche Logoan Tulku Tenzin Jampa Choesang Rinpoche graced the occasion. The students were all filled with great enthusiasm and actively participated in the activity during the function. Our principal Gen. Penpa Sangpo la gave the introductory speech followed by the speech from our Most Respected Abbot  and Chairman of the school, Khenrinpoche Tenzin Jampa Choesang Rinpoche gave a valuable speech advising the students to study hard.  The organising committee have arranged for a wonderful "Dialectic Competition between class IX and X students" during the day. The School Headmaster Gen Lhundup Dorjee la gave the vote of thanks and the function concluded with a distribution of a special meal to the students of the school.