37th School Founding Day Wishes.

Admin    01 Jun 2020    24

37th School Founding Day Wishes ༄༅། །ཕྱི་ལོ་༡༩༨༣ ལོར་དེ་སྔའི་སེར་བྱེས་སློབ་གྲྭ་དེ་གནའ་དེང་ཟུང་འབྲེལ་གྱི་སློབ་གྲྭ་ཚད་ལྡན་ཞིག་ཏུ་དབུ་བརྙེས་ནས་ལོ་ངོ་༣༧ ཧྲིལ་པོ་འཁོར་དུས་དྲན་ཆེན་ཁྱད་པར་ཅན་དང་། རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གཉིས་མཉམ་དུ་འཁེལ་བའི་དུས་དྲན་ཁྱད་པར་ཅན་འདིར་སྲུང་བརྩི་ཞུ་བ་དང་ཆབས་ཅིག གཙོ་བོ་སློབ་གྲྭ་འདིར་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ། ༸ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། གྲྭ་ཚང་འདི་ཉིད་སྐྱབས་རྗེ་མཁན་རིན་པོ་ཆེ་རིམ་བྱོན། སློབ་གྲྭའི་འགན་འཛིན་རིམ་བྱོན། སློབ་སྤྱི་རིམ་བྱོན་གྱིས་གཙོས་དགེ་ལས་རིམ་བྱོན། སློབ་གྲྭ་འདི་ཉིད་ལ་འབྲེལ་ཐོགས་ཚད་གཏོང་ཕོད་ཅན་གྱི་སྦྱིན་བདག་སོགས་ལ་དེ་རིང་གི་དུས་ཆེན་འདི་བརྒྱུད་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ནམ་རྒྱུན་ལོ་ལྟར་དུས་ཆེན་གྱི་ཉིན་མོ་འདིར་སློབ་ཕྲུག་ནང་ཁུལ་མཚན་ཉིད་ཀྱི་བགྲོ་གླེང་སོགས་མཛད་རིམ་མང་པོ་ཞིག་གོ་སྒྲིག་ཞུ་སྲོལ་ཡོད་ཀྱང་། འདི་ལོ་འཛམ་གླིང་ཁྱོན་ལ་ཏོག་དབྱིབས་ནད་རིམས་ཀྱིས་རྐྱེན་པས་ཐེམ་སྤངས་བཀག་རྒྱའི་དབང་གིས་བྱིས་པའི་དུས་ཆེན་མཛད་སྒོ་འཚོག་མ་ཐུབ་ཀྱང་། དྲྭ་ལམ་ནས་སྲུང་བརྩི་དང་སྨོན་འདུན་ཞུས་པ་བརྒྱུད། གཙོ་བོ་༸འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་ཅིང་རླབས་ཆེན་མཛད་འཕྲིན་མཐའ་དག་ནམ་མཁའ་མཛོད་ལ་མངའ་བརྙེས་པ། ཏོག་དབྱིབས་ནད་ཡམས་ཀྱི་རྒྱུན་མྱུར་དུ་ཆད་ནས་འཛམ་གླིང་ཁྱོན་ལ་ཞི་བདེའི་སྣང་བའི་ཁྱབ་པའི་སྨོན་འདུན་བཅས།

སེར་བྱེས་སློབ་གྲྭ་ནས་ཕྱི་ལོ་༢༠༢༠ ཟླ་༠༦ ཚེས་༠༡ ཉིན་སྤེལ། །

Today, is the 37th School Founding Day of the Sera Je Secondary School. On this auspicious occasion of the school we all remember with all our humility and deepest gratitude, our Spiritual Leader H.H. the 14th Dalai Lama, for all his guidance and blessings, for all the Khenrinpoches, School Directors and Principals till date, we also remember all our kind and generous sponsors and supporters who have been kindheartedly supporting our school from many years and would like to thank all our kindhearted supporters and friends on this important occasion. Usually every year we use to have a wonderful program at the school with inter house debate competitions and the students enjoying the day. The school administration giving a special meal to the students on that day. But this year due to the Covid-19 pandemic. The school is still under lockdown and though we were not able to celebrate the today's occasion. We would like to send our heartiest good wishes on this School Founding day to all our novice students, our teachers and staff members, to all our friends and supporters. We all pray and wish His Holiness the 14th Dalai Lama live long for eons. May his wisdom and message of peace and compassion reach across the globe. We all pray that the humanity would be able to find a vaccination and medicine for this Covid-19 pandemic soon and the peace prevails on earth. ( Sharing some old pics from 2019 session)