36th School Founding Day


Admin    01 Jun 2019    25

སེར་བྱེས་འབྲིང་རིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་སོ་དྲུག་འཁོར་བའི་དུས་དྲན་མཛད་སྒོ་ཟབ་རྒྱས་ངང་འཚོགས་པའི་གནས་ཚུལ།

དེ་ཡང་ཕྱི་ལོ་༢༠༡༩ ཟླ་༠༦ ཚེས་༠༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པའི་ཐོག་འདི་ག་སློབ་གྲྭའི་ཚོགས་ཁང་དུ་སློབ་གྲྭ་དབུ་བརྙེས་ནས་ལོ་སུམ་ཅུ་སོ་དྲུག་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་འཚོགས་སོང་བ་དང་། སྐུ་མགྲོན་གྱི་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་ལོ་མགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་ཚོགས་མགོན་དུ་གདན་དྲངས་པ་དང་། དེ་བཞིན་གྲྭ་ཚང་གི་ཕྱག་མཛོད་རྣམ་པ་དང་། ཚོགས་པ་ཁག་གི་འགན་འཛིན་རྣམ་པ། ཁམས་ཚན་རྒན་རྣམ་པ། སློབ་གཉེར་རྒན་རྣམ་པ། གྲོས་ཚོགས་རྒྱུན་ལས་འཐུས་མི་རྣམ་པ། ཤེས་ཡོན་འགན་འཛིན་རྣམ་པ་བཅས་སྐུ་མགྲོན་གྱི་མཚན་ཐོག་ནས་མཛད་སྒོར་ཕེབས་འདུག 

སྔ་དྲོའི་ཆུ་ཚོད། ༩:༠༠། པའི་ཐོག་སྐུ་མགྲོན་གཙོ་བོས་དབུས་སྐུ་མགྲོན་རྣམས་དང་དགེ་སློབ་ཡོངས་སྐུ་བཞེངས་གནང་སྟེ་གང་བློ་མ་དང་བོད་ཀྱི་རྒྱལ་གླུ་མཉམ་འདོན་གནང་བ་དང་། སྐུ་མགྲོན་ཚང་མ་མར་བཞུགས་གྲུབ་མཚམས་སློབ་སྤྱི་ནས་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་སུམ་ཅུ་སོ་དྲུག་འཁོར་བའི་དུས་དྲན་ངོ་སྤྲོད་གསུང་བཤད་གནང་སོང་བ་དང་། དེ་རྗེས་སློབ་གྲྭའི་ཁང་ཚན་ཁག་གི་སློབ་ཕྲུག་དབར་རིགས་ལམ་དྲི་འགོད་ཀྱི་རིག་རྩལ་འགྲན་བསྡུར་དང་། མཚན་ཉིད་ཀྱི་གཞུང་ལ་རྟགས་གསལ་འགྲན་བསྡུར་གནང་སོང་བ་མ་ཟད། ༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་སྡིངས་ཆའི་ཐོག་གདན་ཞུས་ཀྱིས་ལེགས་གྲས་རྣམས་ལ་ཐུགས་བརྩེའི་བྱ་དགའ་གསོལ་བསྩལ་བཀའ་དྲིན་ཆེ་ཐོག སློབ་དགེ་ཐུབ་བསྟན་རིག་བཟང་ལགས་ཀྱིས་དབྱིན་ཡིག་ནས་ཕབ་བསྒྱུར་ཞུས་པའི་༼སྒེའུ་ཁུང་ཆུང་ཆུང་༽ ཞེས་པའི་ཕྱག་དེབ་དང་། རྒན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་བརྩམས་པའི་༼སྐད་ཡིག་ལ་བཅངས་པའི་སེམས་པ་༽ ཞེས་པའི་ཕྱག་དེབ་གཉིས་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་སོང་། 

དེ་རྗེས་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ཚོགས་བཅར་བ་ཡོངས་ལ་བླང་དོར་ལམ་སྟོན་བཀའ་སློབ་ཟབ་རྒྱས་བསྩལ་གནང་སོང་བ་དང་། མཇུག་ཏུ་སློབ་གྲྭའི་འགན་འཛིན་མཆོག་ནས་༸སྐྱབས་རྗེ་མཁན་རིན་པོ་ཆེས་དབུས་སྐུ་མགྲོན་ཁག་དང་དགེ་སློབ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་རིམ་རྒྱལ་ཁའི་ངང་གྲོལ་སོང་བ་བཅས་སོ། །

 

Today, we celebrated the 36th school founding day at school hall. The chief guest of the School Founding Day Program was our Most Respected Khenrinpoche, with Disciplinarian and the Chant Master of the monastery graced the occasion. Many of the high lamas and the guest also attended the function. The students were all filled with great enthusiasm and actively participated in the activity during the function. Our principal gave the introductory speech followed by the inter house competition. Khenrinpoche Tenzin Jampa Choesang Rinpoche gave a valuable speech advising the students to study hard. The organising committee have arranged for a wonderful "Inter House Dialectic Competition" during the day. The School Director gave the vote of thanks and the function concluded with a distribution of a special meal to the students of the school.