2nd Inter- Gelug Monastic School Intellectual Aptitude Competition - South India - Date: 20 & 21 October 2019


Admin    26 Oct 2019    119

༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་༸རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་སླད། རྒྱ་གར་ལྷ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭའི་གོ་སྒྲིག་འོག་ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༢༠།དང་༢༡ ཉིན་གཉིས་རིང་ལྷོ་ཕྱོགས་དགེ་དགོན་སློབ་གྲྭ་ཁག་དགུའི་ཕུལ་བྱུང་སློབ་མ་མཉམ་ཞུགས་ཀྱིས་༸རྗེ་བླ་མའི་རྣམ་ཐར་ལས་བརྩམས་ཏེ་བགྲོ་གླེང་ཆེན་མོ་ལེགས་པར་གྲུབ་པའི་མཛད་སྒོ་དང་བསྟུན། བཤད་སྒྲུབ་བསྟན་པའི་འབྱུང་གནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་མཆོག་གིས་ཨང་རིམ་བཞེས་མཁན་རྣམས་ལ་ཨང་ཐོབ་ཕྱག་ཁྱེར་དང་བྱ་དགའ། འགྲན་ཞུགས་དགེ་སློབ་ཡོངས་ལ་ཐུགས་རྗེ་ལེགས་འབུལ་བསྩལ་བ་མ་ཟད། སེར་བྱེས་ཁྲིམས་བདག་དགེ་སྐོས་མཆོག་ནས་བགྲོ་གླེང་སྐབས་མགྲོན་བསུ་སྣེ་ལེན་དང་ཞལ་ལག་གྲ་སྒྲིག མཛད་སྒོར་ཕྱོགས་ཡོངས་ནས་གྲ་སྒྲིག་འཐུས་ཚང་གནང་མཁན་སློབ་གྲྭའི་དགེ་ལས་ཡོངས་ལ་ཐུགས་རྗེ་ལེགས་འབུལ་བསྩལ་བ་སོགས། ད་ལམ་གྱི་རྗེས་དྲན་བགྲོ་གླེང་ཆེན་མོ་སྦྱོར་དངོས་མཇུག་གསུམ་འཐུས་ཚང་གྲུབ་ལེགས་གྲུབ་བྱུང་བའི་མཇུག་སྡོམ་མཛད་སྒོ་དང་འབྲེལ་ཆགས་འདྲ་དཔར་ཁག ། 

The two days event organised by Sera Je Secondary School as a part of the Commemoration of 600th Parinirvana Year of the Great Lama Tsongkhapa - As the International Year of Tsongkhapa . The 2nd Inter- Gelug Monastic School Intellectual Aptitude Competition - South India concluded with the Prize distribution ceremony at the end of the session. The Chairman of our school, Khenrinpoche Abbot of the Monastery gave away the Prizes to the Winners, the Judges and other participants.  Khenrinpoche la appreciated all the participants and thanked all the participants for taking part in this academic event. School administration offered scarf and thanks to all the participants and staff members for their hardwork. Our principal gave the thank you speech. It is the hardwork of all the staff members, teachers and students who have worked hard in making this event successful.  The event is successfully concluded and we thank you all for being a part of this program.  Sera Je Secondary School won the First Prize in overall tally.