༄༅། །སློབ་དཔོན་ཆེན་མོ་༸སྐྱབས་རྗེ་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭར་༸རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་མའི་བཀའ་ཁྲིད་གནང་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར་ལགས་ཤིང་། དེ་ཡང་ཕྱི་ལོ་༢༠༡༧ ཟླ་༠༤ ཚེས་༢༥ ནས་ཚེས་༢༧ བར་ཉིན་གསུམ་གྱི་རིང་ཞོགས་པའི་ཕྱག་ཚོད་༠༨ པ་ནས་ཕྱག་ཚོད་༡༡ ཙམ་བར་བཀའ་ཁྲིད་གནང་བཞེད་ཐུགས་གཏན་འཁེལ་བ་ལགས། དེའི་རིང་ཆོས་ཞུར་བཅར་མཁན་དད་ལྡན་རྣམ་པས་ཆོས་གོས་དང་གདིང་བ་ངེས་པར་བསྣམས་ཕེབས་གནང་ཡོང་བ་ཞུ་རྒྱུ་སོགས་ཀྱི་་གསལ་བསྒྲགས་སུ། སེར་བྱེས་འབྲིང་རིམ་སློབ་གྲྭའི་གཞུང་ལས་ཁང་ནས་ཕྱི་ལོ་༢༠༡༧ ཟླ་༠༤ ཚེས་༡༦ ཉིན་ལ་སྤེལ། །