Recent News
Most Popular

Follow us on facebook

Event

Date: May 14, 2018 11:47 AM

༅། །སྤྱི་ནོར་༸གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ཀྱི་ཆ་ཤས་ཙམ་སྒྲུབ་ཆེད། སེར་བྱེས་མཁས་སྙན་གྲྭ་ཚང་གི་ངོས་ནས་ཤེས་ཡོན་ལས་འགུལ་སྣ་མང་སྤེལ་བཞིན་པ་ལྟར། ད་ལམ་ལྷོ་གཞིས་ཁག་གི་བོད་པའི་སློབ་གྲྭ་རྣམས་དབྱར་ཁའི་གུང་གསེང་བཏང་བ་དང་སྟབས་བསྟུན། སེར་བྱེས་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སེར་བྱེས་བཀྲ་ཤིས་ཆོས་གླིང་ནང་། ལྷོ་ཕྱོགས་གཞིས་ཆགས་འདྲ་མིན་ནས་ཕེབས་པའི་བོད་པའི་སློབ་ཕྲུག་རྣམས་ལ། བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིགས་ལམ་སོགས་གཙོ་བོར་གྱུར་པའི་ཕྱི་ནང་ཤེས་བྱ་རིག་པའི་གནས་ལ་སློབ་ཁྲིད་གནང་བཞིན་འདུག་པའི་ཁོངས། དེ་རིང་ཕྱི་ལོ་༢༠༡༨ ཟླ་༠༥ ཚེས་༡༤ སྔ་དྲོ་ཕྱོགས་ཕེབས་སློབ་ཕྲུག་རྣམས་ཀྱིས་འདི་ག་སེར་བྱེས་འབྲིང་རིམ་སློབ་གྲྭར་རྟོག་ཞིབ་དང་། དགོན་གཉེར་སློབ་གྲྭར་རྒྱུས་ལོན་ཟབ་འཇུག སེར་སྐྱ་སློབ་ཕྲུག་དབར་ལ་ཉམས་མྱོང་སྤེལ་རེས། དངོས་མཐོང་མྱོང་ཚོར་བརྗེ་རེས། སློབ་ཁྲིད་བྱ་ཐབས་མི་འདྲ་བ་ཁག་ལ་དངོས་སྦྱོང་གནང་བ་སོགས། བོད་ཕྲུག་རྣམས་ཀྱི་སློབ་གསོའི་ཐད་ལ་དགོན་པ་དང་སེར་མོ་བའི་ངོས་ནས་སེམས་ཁུར་ཆེན་པོ་གནང་བཞིན་ཡོད་པ་མཚོན་ཐུབ་ལ། སེར་བྱེས་སློབ་གྲྭའི་ངོས་ནས་ཀྱང་ཕྱོགས་ཕེབས་དགེ་སློབ་རྣམས་ལ་སྤྲོ་སེམས་འཁོལ་བའི་ཕེབས་བསུ་དང་སྣེ་ལེན་གང་ལེགས་ཞུས་སོང་བའི་རྣམ་པ། །

 

The students of other schools who have been having a special summer class at Tashi Choeling, today visited our school. They all stayed with our students in the class and shared some lessons in the classes with our students. They visited our school Library and the school computer lab. They all had a great time here at the school interacting with the novice monk students of our school.