Recent News
Most Popular

Follow us on facebook

New Directors Taken Charge of the School

Date: March 25, 2018 03:18 PM

༄༅། །སེར་བྱེས་འབྲིང་སློབ་གྲྭའི་འགན་འཛིན་རྙིང་པ་ལྡན་དགེ་བཤེས་བསྟན་འཛིན་འོད་གསལ་དང་། ལྷོ་དགེ་བཤེས་བསྟན་འཛིན་བྱང་ཆུབ་གཉིས་ཀྱིས་ཕྱི་ལོ་༢༠༡༥ ཟླ་༠༣ ཚེས་༢༥ ནས་ཕྱི་ལོ་༢༠༡༨ ཟླ་༠༣ ཚེས་༢༥ བར་ཏེ། འདས་པའི་ལོ་ངོ་གསུམ་རིང་སློབ་གྲྭའི་འགན་འཛིན་གྱི་ཕྱག་ལས་མིག་དཔེར་འོས་པ་ལེགས་གྲུབ་རྗེས། དེ་རིང་ཕྱི་ལོ་༢༠༡༨ ཟླ་༠༣ ཚེས་༢༥ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་གཅིག་དང་། གྲོས་ཚོགས་ཀྱི་རྒྱུན་ལས་རྣམ་པ་བཞི། གྲོས་ཚོགས་འཐུས་མི་རྣམ་པ། ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་ཚང་འཛོམས་དབུས། གྲོས་ཚོགས་ནས་གསར་དུ་བསྐོ་གཞག་གནང་བའི་སློབ་གྲྭའི་འགན་འཛིན་གསར་པ་གཙང་དགེ་བཤེས་ཐུབ་བསྟན་བསྟན་དར་དང་། ཚྭ་དགེ་བཤེས་ངག་དབང་སངས་རྒྱས་གཉིས་ལ་སློབ་གྲྭའི་འཛིན་སྐྱོང་གི་ལས་དོན་ཁག་རྩིས་སྤྲོད་གནང་བའི་རྣམ་པ། །